སྤྱི་ཕན་ལམ་དུ།ཧན་ཧོང་གི་མིག་མཐའ་མཆི་མས་བརླན་སོང་།

By 我的童话 at 2017-05-14 • 0人收藏 • 402人看过
 སྤྱི་ལོ་༢༠༡༦ལོའི་ཟླ་༦པའི་ཚེས་༣༠ཉིན། ཀན་སུའུ་ཕིང་ལིང་གྲོང་ཁྱེར་ནས་“ཧན་ཧོང་བརྩེ་སེམས་”དགེ་ཕན་ཐེབས་རྩ་ཚོགས་པའི་ཚོགས་མི་བརྒྱ་ཡིས་ཀན་སུའུ་ལ་སྤྱི་ཕན་སྨན་བཅོས་བྱེད་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་བཙུགས།  “ཧན་ཧོང་བརྩེ་སེམས་”ཚོགས་པ་ཀན་སུའུ་ལན་ཀྲོའུ་དང་། དཔའ་རིས། ཧེའུ་ཉིང་། ཧྭ་ཁྲི། ཅིང་ཁྲོན། ཀྲང་ཅ་ཁྲོན། ཞི་ཧོ། འབྲུག་ཆུ། རྨེ་རུ་རྫོང་། བསང་ཆུ། ཅི་ཧྲི་ཧྲན་བཅས་གྲོང་ཁྱེར་༨དང་ཁུལ་༢བརྒྱུད་དེ་སྤྱི་ཕན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད། ད་ལོའི་སྤྱི་ཕན་སྨན་བཅོས་བྱེད་སྒོའི་ཁྲོད། “ཧན་ཧོང་བརྩེ་སེམས་”དགེ་ཕན་ཐེབས་རྩ་ཚོགས་པས་རྣམ་པ་རྒྱ་ཆེ་བའི་སྤྱི་ཕན་སྨན་བཅོས་བྱེད་སྒོ་༡༠སྤེལ་ཞིང་སྨན་རྫས་རིན་མེད་ཀྱིས་བྱིན། ཁོ་ཚོས་ཐེངས་འདིའི་བྱེད་སྒོ་ཡོངས་རྫོགས་ཁྲོད་བརྩེ་སེམས་སྨན་སྒམ་ཁྲི་༡དང་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་༢༠། སྨན་བཅོས་འཁོར་རྒྱུག་ཆེད་སྤྱོད་རླངས་འཁོར་༣༠ཞལ་འདེབས་སུ་ཕུལ་ཡོད་པ་དང་།  “‘ཧན་ཧོང་བརྩེ་སེམས་’ཀྱི་ཞང་དང་གྲོང་རྡལ་གྱི་མྱུར་སྐྱོབ་ཁང་”༡༠བཙུགས་པ་མ་ཟད། ཞང་དང་གྲོང་རྡལ་གྱི་སྨན་པར་མྱུར་སྐྱོབ་སྦྱོང་བརྡར་མཁོ་འདོན་གནང་། ད་རུང་“ཧན་ཧོང་བརྩེ་སེམས་”ཀྱི་མིག་བཅོས་ལྟེ་གནས་གཅིག་བཞེངས་པ་དང་རིན་མེད་ཐོག་བར་འགྲིབ་གཤགས་བཅོས་༡༠༠༠བྱས་ཤིང་། སྤྱི་ཕན་སྨན་བཅོས་ཁྲོད་ཤེས་རྟོགས་བྱུང་བའི་ནད་གཞི་ལྕི་བའི་འབྱོར་ཞན་ནད་པར་རྒྱུན་མཐུད་སྨན་བཅོས་རོགས་སྐྱོབ་བྱེད་པ་སོགས་ཁྱོན་རོགས་སྐྱོབ་རྣམ་གྲངས་༡༢བསྒྲུབས་པ་རེད། བྱེད་སྒོའི་ཡུལ་དངོས་ཀྱི་ཧན་ཧོང་།  མིག་ནང་མཆི་མ་འཁོར་བའི་ཧན་ཧོང་། རྒྱུས་ལོན་ཐུབ་རྒྱུར། ཐེངས་འདིའི་དགེ་ཕན་ཚོགས་པའི་ཚོགས་མིའི་ཁྲོད་དུ། རྒྱའི་གཞས་པ་གྲགས་ཅན་དང་འཁྲབ་སྟོན་པ་གྲགས་ཅན་གང་མང་མཉམ་ཞུགས་གནང་ཡོད་པ་རེད།ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།རྩོམ་སྒྲིག་པ། ཀླུ་འབུམ།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།www.tibetcnr.comའབྲེལ་གཏུག་ཁ་པར། 01086097222འཕྲིན་སྒམ།80245381@qq.comཔོད་ཕྲན།http://weibo.com/tibetcnrསྐད་འཕྲིན་སྤྱི་སྟེགས།Tibetcnrསྐུ་ཉིད་ཀྱིས་ད་དུང་གཤམ་གྱི་རྩ་གཉིས་ཨང་བཤེར་ལེན་བརྒྱུད་ང་ཚོར་དོ་སྣང་གནང་ཆོག

登录后方可回帖